ཕྱིར་ཕ་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ།

26 05 2009

ཕྱིར་ཕ་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ།

2009-05-25

རྒྱ་གར་ནས་བོད་ནང་ཕྱིར་ལོག་གི་ལས་འགུལ་བ་རྣམས་ས་མཚམས་སུ་བཀག་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎རྒྱ་གར་ནས་བོད་ནང་ཕྱིར་ལོག་གི་ལས་འགུལ་བ་རྣམས་ས་མཚམས་སུ་བཀག་ཡོད་པའི་གནས་ཚུལ་ཐོན་འདུག

རྡ་རམ་ས་ལ་ནས་ཕ་ཡུལ་དྲ་རྒྱས་འདི་ཚེས་ཉི་ཤུ་དྲུག་ཉིན་གནས་ཚུལ་སྤེལ་དོན་ལྟར་ན་འདི་ཟླའི་ཚེས་བཅུ་བཞི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུ་བཙུགས་གནང་བའི་བོད་ནང་ཕྱིར་ལོག་གི་ལས་འགུལ་བ་བརྒྱད་པོ་འདི་ཚེས་ཉི་ཤུ་ལྔ་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུཏ་ར་ཁན་ཏ་དང་བོད་ཀྱི་ས་མཚམས་ཀྱི་གྲོང་ཁྱེར་གསུམ་མདོར་རྒྱ་གར་གྱི་ས་མཚམས་ཉེན་སྲུང་དམག་མིས་བཀག་འགོག་བྱས་ཡོད་སྐོར་ལས་འགུལ་གྱི་འགོ་ཁྲིད་ཤིང་བཟའ་རིན་པོ་ཆེས་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་ལུང་འདྲེན་བྱས་འདུག སྔ་ལོ་ལྟར་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་གདུག་རྩུབ་དྲག་གནོན་མ་བཟོད་པ་ལས་འགུལ་སྣ་ཚོགས་ཤིག་སྤེལ་བ་ནང་བཞིན་འདི་ལོ་ཡང་བོད་ནང་གི་གནས་ཚུལ་ལ་འགྱུར་བ་ཕྱིན་མེད་པའི་ཁར་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་ལ་མ་འཛེམས་པར་རང་སྲོག་བློས་བཏང་གི་ལས་འགུལ་སྤེལ་བཞིན་པ་དེར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བསྐྱར་དུ་དགེ་འདུན་ཁག་ཅིག་གིས་བོད་ནང་ཕྱིར་ལོག་གི་ལས་འགུལ་རིམ་པ་གཉིས་པ་ཞིག་སྤེལ་ཡོད་ལུགས་གསུངས་པ་དང་སྦྲགས་ད་ཆ་ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་སྲུང་ནས་ལས་འགུལ་བ་རྣམས་བཀག་འགོག་བྱས་ཡོད་པ་ངོས་ལེན་གནང་འདུག་ཀྱང་ད་ལྟའི་སྐབས་སུ་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོག་མེད་སྐོར་གསུངས་གནང་འདུག ཡང་ཁོང་གིས་ས་མཚམས་ཀྱི་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་ཉེན་སྲུང་མི་སྣས་ལས་འགུལ་བ་རྣམས་ཀྱི་རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་འཁྱེར་ལ་ཞིབ་འཇུག་གནང་ཡོད་པ་དང་ཁོང་རྣམས་དེ་རིང་ཕྱིར་ལོག་སྐབས་གསར་འགོད་གསལ་བསྒྲགས་ཤིག་གནང་རྩིས་ཡོད་ལུགས་གསུངས་གནང་འདུག།

གསར་འགྱུར་ཡོང་ཁུངས།  ཨེ་ཤ་ཡང་རང་དབང་རླུང་འཕྲིན་ཁང་།





ན་ནིང་ཞི་རྒོལ་བྱེད་མཁན་བོད་མི་གཉིས་བཙན་བྱོལ་དུ་འབྱོར་བ།

20 05 2009

དེ་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དཀར་མཛེས་དུ་ཆུ་ཁ་ཚང་གསེར་དགའ་གཙོས་པའི་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གིས་ངོ་རྒོལ་བྱས་པའི་སྐབས་ཞི་རྒོལ་དེའི་སྣེ་ཁྲིད་བྱེད་མཁན་རང་ལོ་བཞི་ཅུ་ཞེ་གཅིག་ཡིན་པ་མ་འདས་མགོན་པོ་དང་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་རང་ལོ་ཉི་ཤུ་རྩ་བཞི་ཡིན་པ་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འཇིགས་མེད་གཉིས་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

དཀར་མཛེས་ཉེན་རྟོག་ལས་ཁུངས་ནས་ཉིས་སྟོང་བརྒྱད་ཟླ་བ་ལྔ་པའི་ཚེས་བདུན་ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་ཁོང་རྣམ་པ་གཉིས་དང་དེ་མིན་དཀར་མཛེས་རྫོང་ཁོངས་ནས་མི་གསུམ་བྲག་མགོ་རྫོང་ཁོངས་ནས་མི་བཞི་གསེར་རྟ་རྫོང་ཁོངས་ནས་མི་ཉི་ཤུ་རྩ་བདུན་བཅས་ཁྱོན་མི་གྲངས་སུམ་ཅུ་སོ་དྲུག་པོ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་གཏོར་བཤིག་བྱེད་མཁན་ཡིན་སྟབས་འཇུ་བཟུང་བྱ་དགོས་པ་དང་ཁོང་རྣམས་སུ་ཞིག་གིས་འཇུ་བཟུང་བྱེད་ཐུབ་པ་ཡིན་ན་བྱ་དགའ་རྒྱ་སྒོར་ཆིག་ཁྲི་ནས་ཉིས་ཁྲི་བར་སྤྲོད་རྒྱུ་ཡིན་སྐོར་རླུང་འཕྲིན་བརྒྱུད་གསལ་བསྒྲགས་ཀྱང་བྱས་ཡོད་པ་དང་ད་ལོ་ཁོང་རྣམས་འཇུ་བཟུང་གི་བྱ་དགའ་དངུལ་འབོར་མང་ཏུ་བཏང་ཡོད་འདུག

སྐུ་ཞབས་མ་འདས་མགོན་པོ་དང་ཚེ་རིང་འཇིགས་མེད་རྣམ་པ་གཉིས་ན་ནིང་ཞི་རྒོལ་ལ་དྲག་གནོན་བྱེད་སྐབས་ལོ་གཅིག་ལྷག་ཙམ་རིང་རི་ལ་བྲོས་ནས་གབ་གཡོལ་བྱས་པ་ད་དེ་ནས་ས་སྟོང་ལུང་སྟོང་བསྐོར་ཏེ་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

ཨེ་ཤི་ཡ་རང་དབང་རླུང་འཕྲིན་དྲ་རྒྱ་ནས་བཤུས།།





དོན་ཚན་གསུམ།

10 05 2009

གཤམ་གྱི་རྩོམ་ཐུང་དེ་ལྷ་སྨོན་ལགས་ཀྱི་ཟིན་བྲིས་བོད་ཀྱི་བང་ཆེན་ཐོག་བཀོད་འདུག་པས།   གཏམ་འདི་བདེན་མིན་དཔྱད་གླེང་གནང་ཆེད་འདིར་བཀོད་པ་ཡིན་པས།    དྲ་གྲོགས་རྣམས་ཀྱིས་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་བརྗོད་སྤེལ་བའི་རེ་བ་ཞུ།

 

རྒྱལ་ལོ་དོན་གྲུབ་ཀྱིས་དམིགས་བསལ་ཚོགས་ཆེན་ལ་འབུལ་རྒྱུའི་དོན་ཚན་གསུམ།

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཐོག་མ་དམིགས་བསལ་ཚོགས་ཆེན་སྐབས་དོན་ཚན་གསུམ་གསུང་རྒྱུའི་གྲ་སྒྲིག་གནང་བ་དང༌། གྲ་སྒྲིག་གནང་བ་དེ་བཀའ་ཟུར་ཁག་ཅིག་དང་གྲོས་བསྡུར་བྱེད་པའི་སྐབས་བཀའ་ཟུར་རྣམས་ཧ་ཅང་ཞེད་ནས་སྐུ་ངོ་དེ་འདྲ་མ་གསུངས་ཞེས་ཞུ་བ་འཐེན་པའི་གནས་ཚུལ་བྱུང་བར་བརྟེན་ཚོགས་ཆེན་ཐོག་དེ་ལྟར་གསུངས་ཡོད་མི་འདུག དོན་ཚན་གསུམ་གཤམ་དུ་བཀོད་ཡོད།

དང་པོ།  ད་ལོའི་སྤྱི་ཟླ་3 པ་ནས་ད་བར་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་ཁག་ནོར་འཁྲུལ་ཡིན་པར་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ནས་ངོས་ལེན་བྱེད་དགོས་པ།

གཉིས་པ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་དང༌། རྩེད་འགྲན་བྱེད་བཞིན་པའི་སྐབས་སུ་ངོ་རྒོལ་བྱས་པ་ཁག་ལ་ཚོགས་ཆེན་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་དགོངས་དག་ཞུ་དགོས་པ།

གསུམ་པ། ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་རྒྱ་ནག་གི་ཁོངས་ཡིན་པ་ཚོགས་ཆེན་འདིའི་ཐོག་ནས་གསལ་བསྒྲགས་གནང་དགོས་པ། བཅས་ཁོང་གི་དོན་ཚན་གསུམ་དེ་ཡིན་འདུག

དེ་ལ་དྲ་གྲོགས་རྣམས་ཡིད་ཆེས་སམ། དོན་དེ་དངོས་ཡོད་གནས་ཚུལ་རེད། སྐབས་དེ་དུས་ནང་མོལ་བྱེད་སའི་བཀའ་ཟུར་སུ་ལ་དྲིས་ཀྱང་ཤེས་ཀྱི་རེད། དེ་ལྟར་བྱས་ན་བོད་ཀྱི་རྩ་དོན་ལ་ཕན་གནོད་གང་ཡོད་སྐོར་བགྲོ་གླེང་གནང་རོགས།