ངྷ་ས་ནས་དགྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོན་ལ་ངོ་རྒོལ་བྱས་འདུག

25 06 2009

ངྷ་ས་ནས་དགྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོན་ལ་ངོ་རྒོལ་བྱས་འདུག

 

༢༠༠༩ལོའི་ཟླ་༦པའི་ཚེས༢༣ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཕྱི་དྲོར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག དགྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལུ་ཞོན་དང་མཉམ་དུ་བོད་ཀྱི་ན་གཞོན་ཁག་ཅིག་ལ་བོད་རྒྱའི་སྐོར་ལ་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཤིང་ཐེངས་འདིའི་ཚོགས་འདུའི་འགོ་འཛུག་སྐབས་བཅུད་པར་གཡང་མཁོ་རྒྱལ་ལགས་ནས་ཚོགས་གཞོན་ཀུན་ཐར་ལགས་ལ་བསམ་ཚུལ་ཞུ་ཆོག་པའི་བཀའ་འཁྲོལ་ཞུས་རྗེས་ཝང་ལི་ཞོན་གྱི་མདུན་དུ་ཡར་ལངས་ནས་བརྗོད་དོན།  ད་ཐེངས་ཀྱི་གསལ་བཤད་དོན་ཚན་བརྒྱད་ཅན་ལ་མིང་རྟགས་བཀོད་མཁན་གཞོན་སྐྱེས་ལྔའི་ཞི་རྒོལ་ནི་ཚོགས་སྡེ་དང་སྒྲིག་གཞི་གང་ལ་ཡང་མི་གཏོགས་པའི་སྒེར་ངོས་ཀྱི་ཞི་རྒོལ་ཞིག་ཡིན་ལ།  ཁོ་བོས་བྲིས་པའི་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་འདིར་མིང་རྟགས་བཀོད་ཟིན་པའི་རྩོམ་པ་པོ་ལྔའི་ཚབ་བྱས་ཏེ་ངོ་རྒོལ་བྱེད་དོན་ཡང་དུས་ཡུན་རིང་བོ་ཞིག་གི་རྟོག་དཔྱད་བརྒྱུད་ནས་ཁོ་རང་མི་འདི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གོང་གསལ་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་དེ་ཝང་ལི་ཞོན་གྱི་མདུན་དུ་ཤུགས་ཆེར་སྒྲོག་སྦྱོང་བྱས་པ་མ་ཟད།  ཁོ་དང་གཟུངས་ཕྱུག་སྐྱིད་གཉིས་ནས་ཚོགས་མིའི་བྱང་བུ་ཕྱིར་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་སྤྲད་དེ་ཚོགས་པ་ནས་དགོངས་པ་ཞུས་རྗེས་བཅུད་པར་གཡང་མཁོ་རྒྱལ་ཐད་ཀར་ཚོགས་ཁང་ནས་ཕྱིར་འབུད་ཀྱང་བྱས་སོང་། 

           ཐེངས་འདིར་གཞོན་སྐྱེས་མང་པོ་ཞིག་གིས་བོད་རྒྱའི་གནད་དོན་ཐད་ཀྱི་དྲི་བར་རྒྱ་རིགས་རྩོམ་པ་པོ་ཝང་ལུ་ཞོན་གྱིས་ལན་འདེབས་བྱེད་སྐབས།  ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ལ་བརྟེན་ནས་དགྱ་ནག་མང་གཙོར་གྱུར་ནའང་བོད་དགྱ་མི་རིགས་ཀྱི་གནད་དོན་སེལ་ཐུབ་རྒྱུ་མིན་ཚུལ་དང་། ནུབ་ཕྱོགས་མང་གཙོའི་ལམ་ལུགས་ཏེ་བཙན་བྱོལ་གཞུང་གི་ཁོར་ཡུག་ལ་དེ་འདྲའི་འོས་འཚམས་མིན་ལུགས། ༸གོང་ས་མཆོག་དགོངས་པ་རྫོགས་རྗེས་བཙན་བྱོལ་གཞུང་འཐོར་ཉེས་སུ་འགྲོ་རྒྱུར་ཉེན་ཁ་ཆེ་ཚུལ་སོགས་ཀྱང་བརྗོད་ཡོད་ལ། གཞན་ཡང་ཁོ་རང་ཕྱིར་ལོག་རྗེས་དགྱ་གཞུང་གིས་འདྲི་གཅོད་བྱས་པ་ཡིན་ན་ཅི་ལྟར་ལན་འདེབས་གནང་རྒྱུ་ཡིན་པའི་སྐོར་ལ་ལན་འདེབས་བྱེད་སྐབས།  གནས་ཚུལ་མཐའ་དག་ཇི་མ་ཇི་བཞིན་གསལ་བརྗོད་བྱེད་རྒྱུ་ཡིན་ཚུལ་ཀྱང་བསྟན་ཡོད་པ་རེད།

        མཇུག་མཐར་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མཇུག་སྡོམ་གྱི་གཏམ་བཤད་གནང་སྐབས། བཙན་བྱོལ་སྤྱི་ཚོགས་ནི་རང་དབང་མང་གཙོ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པར་བརྟེན། ཐེངས་འདིའི་བགྲོ་གླེང་ཚོགས་རའི་ནང་མི་རེ་འགའི་ངོ་རྒོལ་རྣམ་པ་བསྟན་པ་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་ཀྱང་བྱས་སོང་།

གོང་གསལ་ཞི་རྒོལ་གྱི་གསལ་བཤད་དོན་ཚན་བརྒྱད་ནི་འདི་ལྟར།

གཅིག     སྲིད་དབང་སྒེར་འཛིན་རིང་ལུགས་པ་གུང་ཁྲན་ཏང་གི་གཅེས་ཕྲུག

གཉིས།      རྒྱ་ནག་སྲིད་གཞུང་གི་གསང་བའི་སློབ་སྟོན་པ།

གསུམ།    རྒྱལ་སྤྱིའི་སྡིངས་ཆ་ནས་བོད་དོན་གླེང་ཁུལ་གྱིས་འཛམ་གླིང་མི་མང་ལ་གཡོ་རྫུ་སྟོན་མཁན།

བཞི་བ།    རང་གཅེས་ཆེ་བའི་མི་རིགས་རིང་ལུགས་ཅན་གྱི་བོད་མིའི་བསམ་བློའི་གསང་ཉུལ་བ།

ལྔ་བ།      ཕྱི་སྡོད་བོད་མི་དང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཚོར་མགོ་སྐོར་གཏོང་མཁན།

དྲུག་པ།    བཙོན་འཇུག་ཉེས་ཆད་ཁུར་མི་དགོས་པའི་གསོབ་རྫུའི་མང་གཙོ་འཚོལ་མཁན།

བདུན་པ།  རང་ཉིད་ཁེ་གྲགས་ཀྱི་ཆེད་དུ་བོད་དོན་ལག་ཆར་བེད་སྤྱད་བྱས་ནས་ཕུགས་རྒྱང་རིང་བའི་ཁེ་བཟང་བརྩོན་ལེན་བྱེད་མཁན།

བརྒྱད་པ། བཙན་བྱོལ་བོད་གཞུང་ལ་ཡོང་བའི་རྒྱ་ནག་གི་ཨ་བན་ཐོག་མ་བཅས་ལ་ངོས་འཛིན་བྱེད་ཀྱིན་ཡོད།

གསར་འགྱུར་ཡོང་ཁུངས།   འོད་དཀར་དྲ་ཚིགས།





ཨ་རིས་བོད་དོན་གྱི་གྲུབ་འབྲས་ངོ་མ་འཚོལ་གྱིན་ཡོད་ཟེར།

20 06 2009

ཨ་རིས་བོད་དོན་གྱི་གྲུབ་འབྲས་ངོ་མ་འཚོལ་གྱིན་ཡོད་ཟེར།

འདོན་སྤེལ། ༢༠༠༩/༠༦/༡༩

སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཤར་ཨེ་ཤ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ལས་དོན་གྱི་དྲུང་ཆེ་ལས་རོགས་སུ་དམིགས་འཛུགས་བྱས་པའི་སྐུ་ཞབས་ཁུར་ཊི་ཨེམ་ཁམ་ཕེལ་ Kurt M. Campbell ལགས་ཀྱིས། ཕྱི་ཚེས་ ༡༠ ཉིན་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མདུན་ནས་ཉན་ཞིབ་གཏམ་བཤད་གནང་ཡོད་ལ། ཁོང་གིས་བོད་དོན་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ཕྱོགས་ཀྱི་ལས་དོན་གལ་ཆེ་ཤོས་ཀྱི་གྲས་ཡིན་ཅེས་གསུངས་ཡོད།

ཁོང་ནི་ཨ་རིའི་ཕྱི་འབྲེལ་སྡེ་ཚན་གྱི་མཐོ་རིམ་ལས་བྱེད་ཁྲོད་ནས་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མདུན་དུ་ཕེབས་མཁན་ཐོག་མ་དེ་ཆགས་ཡོད་ལ། ཚོགས་ཆུང་འདིས་ཨ་རིའི་བོད་ཀྱི་སྲིད་བྱུས་ཀྱི་རྐང་འགན་ཡང་ཁུར་ཡོད། ད་དུང་བོད་དང་འབྲེལ་བའི་མཐོ་རིམ་ལས་བྱེད་དེ། ངལ་རྩོལ་དང་འགྲོ་བ་མིའི་ཐོང་ཐང་། དམངས་གཙོ་བཅས་ཀྱི་དྲུང་ཆེ་ལས་རོགས་དང་། མི་འབོར་དང་སྐྱབས་བཅོལ། ཡུལ་མི་གནས་སྤོར་སྡེ་ཚན་གྱི་དྲུང་ཆེ་ལས་རོགས། ཨ་རིའི་རྒྱ་ནག་གི་དོན་གཅོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཅས་ཀྱང་འབྱུང་འགྱུར་གྱི་བདུན་ཕྲག་འགའི་ནང་དུ་ལས་གནས་སུ་བསྐོ་རྒྱུ་ཡིན་འདུག

སྐུ་ཞབས་ཁུར་ཊི་ལགས་ཀྱིས་ཉན་ཞིབ་སྐབས་གསུངས་དོན། བོད་དང་འབྲེལ་བའི་གནད་དོན་མཐའ་དག་ནི་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཀྱི་ལས་དོན་གཙོ་བོའི་གྲས་ཡིན་ཅེས་དང་། བོད་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། ཆོས་དད་རང་དབང་བཅས་ལ་བརྩི་བཀུར་བྱེད་པར་སྐུལ་རྒྱུ་སོགས་ནི་ཨ་རིས་རྒྱ་ནག་ལ་འབྲེལ་བ་འཛིན་པའི་ལས་དོན་གཙོ་བོའི་གྲས་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས་ཕྱི་ཟླ་གཉིས་པའི་ནང་ཨེ་ཤ་ཡར་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་བྱེད་པ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དོན་སྙིང་ལྟེ་བ་དེ་ཡིན་པར་གསུངས་ཡོད་ལ། རྒྱ་ནག་དང་མཉམ་དུ་དཀའ་རྙོག་ཆེན་པོ་དག་ལ་གདོང་ལེན་བྱ་དགོས་ན། ང་ཚོས་ལྟ་བ་མི་མཐུན་སའི་གནད་དོན་ཁག་སྟེ། འགྲོ་བ་མིའི་ཐོབ་ཐང་། བོད་དོན། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་བཅས་ཀྱི་ཐད་ལ་དྲང་བདེན་གྱི་གྲོས་མོལ་བྱ་དགོས་ཀྱི་ཡོད། ཅེས་གསུངས་ཡོད།

ཡང་ཁོང་གིས། ང་ཚོས་དྲང་བདེན་གྱི་ཐོག་ནས་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་དེའི་ཐད་བློ་འཚབ་ཡོད་སྐོར་གླེང་རྒྱུའི་གོ་སྐབས་འཚོལ་རྒྱུ་དེ་རྒྱུན་མཐུད་ཀྱི་ཡིན་ལ། སྲིད་འཛིན་ཨོ་བྷ་མ་དང་ཕྱི་སྲིད་དྲུང་ཆེ་ཁི་ལིན་ཊོན་རྣམ་གཉིས་ཀྱིས་རྒྱ་ནག་གི་མགོ་ཁྲིད་མཐོ་ཤོས་ཚོའི་མཉམ་དུ་བོད་དོན་སྐོར་གླེང་ཡོད་ལ། ངས་ཀྱང་གླེང་གི་ཡིན། དེ་དང་མཉམ་དུ། ང་ཚོས་བོད་པ་ཚོར་རྒྱ་ནག་གི་མགོ་ཁྲིད་ཚོའི་མཉམ་དུ་བཀའ་མོལ་གནང་རྒྱུར་མུ་མཐུད་བརྩོན་དགོས་པར་བསྐུལ་གི་ཡིན་ལ། བོད་མི་ཚོའི་འཚོ་བའི་གནས་སྟངས་ལ་དོན་དངོས་དང་མཐུན་པའི་ཡར་རྒྱས་གཏོང་ཐུབ་སའི་གནས་སྟངས་གང་དང་གང་ཡོད་མེད་ངོས་འཛིན་གསལ་བོ་བྱ་རྒྱུར་སྐུལ་གི་ཡིན། ཅེས་གསུངས་འདུག

གཞན་ཡང་ཁོང་གིས། ཨ་རིའི་སྲིད་གཞུང་འདིའི་ངོས་ནས། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ཚོའི་བར་གྱི་བཀའ་མོལ་གྱི་རིམ་པ་དེ་ནི་ཀྲུང་གོའི་བོད་ས་ཁུལ་དུ་ཡུན་རིང་ལྷག་པའི་དཀའ་རྙོག་རྣམས་སེལ་ཐབས་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས། ངོ་རྟགས། མི་རིགས་བཅས་སྲུང་སྐྱོབ་བྱེད་པའི་གཞི་རྩ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་དོན་སྙིང་ཡོད་པའི་འབྲེལ་མོལ་ལ་སྐུལ་རྒྱུ་དང་། འགྲུབ་ཐུབ་པའི་དོན་དམ་གྱི་མཇུག་འབྲས་ཤིག་ལ་མཛུབ་སྟོན་བྱ་གི་ཡིན། ཅེས་གསུངས་ཡོད་པ་རེད།

 བོད་ཀྱི་དུས་བབ།





ཕ་རན་སིའི་རྒྱལ་ས་པཱ་རི་སེ་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་ཕྱག་འཁྱེར།

11 06 2009

༧སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཕ་རན་སིའི་རྒྱལ་ས་པཱ་རི་སེ་གྲོང་ཁྱེར་གྱི་

ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གནང་བ།

pic33ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ། ༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༧ རེས་གཟའ་ཉི་མའི་ཉིན་ཕ་རན་སིའི་རྒྱལ་ས་པཱ་རི་སེའི་གྲོང་ཁྱེར་སྤྱི་ཁྱབ་པས་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་གཞུང་འབྲེལ་གྱིས་གདན་ཞུས་དང་སྦྲགས་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གནང་ཡོད་པ་རེད། དེ་ཡང་ཐོག་མར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁང་དུ་ཆེས་བསྟོད་ཆེན་པོའི་ཐོག་ནས་གདན་ཞུ་གནང་བ་བཞིན་ཆིབས་སྒྱུར་བསྐྱངས་སྐབས་གྲོང་ཁྱེར་པཱ་རི་སེའི་སྤྱི་ཁྱབ་པ་སྐུ་ཞབས་བར་ཊོ་རན་ཌེ་ཌི་ལ་ནོའི་ (Bertrand Delanoe)མཆོག་ཕེབས་བསུར་བཅར་ནས་སྐར་མ་ ༢༠ ཙམ་གྱི་རིང་མཇལ་མོལ་གནང་སྟེ་གྲོང་ཁྱེར་སྤྱི་ཁྱབ་པས་ྋགོང་ས་མཆོག་ལ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འདི་འབུལ་རྒྱུའི་ཐག་གཅོད་བྱས་ཡོད། དེ་ནི་ྋགོང་ས་མཆོག་ནས་འཛམ་གླིང་ཞི་བདེ་དང༌། རང་དབང༌། འགྲོ་བ་མིའི་ཐོབ་ཐང༌། ལྷག་དོན་དུ་ྋགོང་ས་མཆོག་ནས་འཚེ་མེད་ཞི་བའི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་ཐོག་ལ་ད་བར་སྐུ་ངལ་འཛད་མེད་སྐྱོན་ཡོད་པར་ངོས་འཛིན་དང་རྒྱབ་སྐྱོར་ཞུ་སླད་ཆེས་བསྟོད་འདི་འབུལ་ལམ་ཞུ་གི་ཡོད། ཅེས་དང་ལྷག་པར་དུ་ཁོང་གིས། ཕྱག་འཁྱེར་འདི་འབུལ་བཞེས་ཀྱི་གནད་དོན་འདིའི་ཐད་རྒྱ་ནག་གཞུང་ནས་གནོན་ཤུགས་ཤུགས་ཆེ་སྤྲད་ཀྱང་འགྱུར་བ་གང་ཡང་གཏང་མེད། སྤྱིར་རྒྱ་ནག་གཞུང་དང་འབྲེལ་ལམ་དེ་གལ་ཆེན་པོ་ཡིན་རུང་གཞི་རྩའི་ལངས་ཕྱོགས་འགའ་ཞིག་ཐད་ལ་འགྱུར་བ་གཏོང་ཐབས་མེད་པ་ཞིག་རེད། ཅེས་འགྲེལ་བརྗོད་ཁ་གསལ་གནང་ཡོད་པ་རེད། སྐབས་དེར་ྋགོང་ས་མཆོག་གི་སྐུ་ཕྱྭའི་སླད་སྐུ་སྲུང་བ་ཤུགས་ཆེ་བཞག་ཡོད་པ་དང་གལ་ཆེའི་མི་སྣ་ཁག་མ་གཏོགས་གསར་འགོད་པ་སོགས་གང་བྱུང་ནང་དུ་འགྲོ་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་འདུག སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་པཱ་རི་སེའི་གྲོང་ཁྱེར་སྤྱི་ཁྱབ་མཆོག་ལ་མཇལ་དར་གནང་བཞིན་པ། ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ྋགོང་ས་མཆོག་ནས། འགྲོ་བ་མིའི་རིན་ཐང་དང༌། ཞི་བདེ། འཚེ་མེད་ཞི་བ། དྲང་བདེན་བཅས་ཧ་ཅང་གལ་གནད་ཆེན་པོ་ཡིན་སྐོར་དང༌། མགོན་པོ་གང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ག་དུས་ཡིན་རུང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་དང༌། ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང༌། མཉམ་རུབ་ཀྱི་ཐོག་ནས་ཆོས་ལུགས་དེ་དག་གི་བསླབ་བྱ་གཞི་ལ་བཞག་སྟེ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོང་ཐུབ་པར་འབད་བརྩོན་གནང་གི་ཡོད། བྱེད་ལས་དེ་དག་ལ་གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་ངོས་འཛིན་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང༌། ལྷག་དོན་དུ་ ༢༠༠༨ ཕྱི་ཟླ་ ༣ ནས་བཟུང་བོད་ནང་གི་བོད་མི་ཚོ་དཀའ་སྡུག་མང་པོ་མྱངས་ནས་ད་ལྟ་ཛ་དྲག་གི་གནས་སྟངས་འོག་གནས་པའི་སྐབས་འདིར་དེ་དག་ལ་ངོས་འཛིན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་ཐོག་ཕྱག་འཁྱེར་འདི་གནང་བར་ངོས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་དང་ཡང་ྋགོང་ས་མཆོག་གིས། དེ་སྔ་མགོན་པོ་གང་ཉིད་ལ་ནོ་བེལ་ཞི་བའིེ་གཟེངས་རྟགས་གནང་སྐབས་རྒྱ་ནག་ནང་གི་རྒྱ་མི་ཤེས་ཡོན་ཅན་བསམ་བློ་དྲང་ལྡན་དང༌། མིའི་རིན་ཐང་གལ་ཆེར་བརྩིས་མཁན་གྱི་རྒྱ་རིགས་མང་པོ་ཞིག་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བར་དགའ་པོ་ཞེ་དྲག་བྱུང་ཡོད་པ་རེད། དེར་བརྟེན་རྒྱ་ནག་ནང་མགོན་པོ་གང་ཉིད་ཀྱི་ཐུགས་བཞེད་དང༌། བོད་རྒྱའི་གནས་ཚུལ་ཚ་ཆང་ཤེས་མཁན་གྱི་རྒྱ་རིགས་མང་པོ་ཞིག་དགའ་སྤྲོ་ཡོང་ངེས་རེད། དེ་དག་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་བཀའ་སྩལ། གསར་འགྱུར་ཡོང་ཁུངས། བོད་གཞུང་དྲ་གནས།





ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཏུ་གཟིགས་སྐོར་གནང་བ།

6 06 2009

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡུ་རོབ་ཀྱི་ཡུལ་གྲུ་ཌན་མག་གི་སྲིད་བློན་མཆོག་དང་ཕྱི་སྲིད་བློན་ཆེན་མཆོག་མཇལ་འཕྲད་གནང་བ།

pic1༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་ཡུལ་གྲུ་ཌན་མག་ཏུ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཕྱེད་ཡོལ་ཙམ་ལ་ྋཞབས་སོར་བདེ་བར་འཁོད་ཡོད་པ་རེད། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཌན་མག་ཏུ་ྋཞབས་སོར་འཁོད་པའི་ཉིན་དང་པོ་དེར་ཌན་མག་གི་སྲིད་བློན་སྐུ་ཞབས་ལར་སེ་ལོཀ་ཁི་རཱ་སེ་མུ་སིན་རྒཎཔྱཔྲ རྒྣྡྡྟ ངཎཔྲནསྤྱཔྲཔྲྟརྣ མཆོག་གི་བཞུགས་གནས་སུ་མཇལ་འཕྲད་གནང་བར་མགོན་པོ་གང་ཉིད་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བཀའ་སློབ་ཕེབས་དོན། སྤྱིར་མགོན་པོ་གང་ཉིད་ཕྱིའི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་གྱི་མཛད་འཆར་ཁག་ནི་ཆོས་ཕྱོགས་དང་ཤེས་ཡོན་གྱི་རང་བཞིན་ལྡན་པ་ཞིག་ཡིན་ལ། ཐེངས་འདིའི་ཆིབས་སྒྱུར་གྱི་མཛད་འཆར་ཁག་ནི་མགོན་པོ་གང་ཉིད་ཀྱི་སྐུའི་རླབས་ཆེན་གྱི་མཛད་འཕྲིན་ཁག་གསུམ་གྱི་ནང་ནས་གཉིས་ཏེ། འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྐྱེ་བོ་ཞིག་ཡིན་པའི་ཆ་ནས་སེམས་པ་བཟང་པོ་བྱ་རྒྱུ་གོང་མཐོར་གཏོང་རྒྱུ་དང༌། ཆོས་ལུགས་རིས་མེད་བར་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་སླད་ཡིན། ཞེས་བཀའ་སྩལ་ཡོད། སྐབས་དེར་ཌན་མག་གི་སྲིད་བློན་སྐུ་ཞབས་ལར་སེ་ལོཀ་ཁི་རཱ་སེ་མུ་སིན་མཆོག་ནས། སྐུ་ཉིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང༌། སྤྱིར་ཌན་མག་ལ་ནང་པ་དེ་ཙམ་མང་པོ་མེད་རུང་ཌན་མག་མི་མང་ནས་དུས་རྟག་ཏུ་ྋགོང་ས་མཆོག་ལ་རྗེས་སུ་ཡི་རང་དང་དད་གུས་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་དང་ཡང་ཁོང་གིས། ཌན་མག་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད། རྗེས་སུ་ཌན་མག་གི་ཕྱི་སྲིད་བློན་ཆེན་ནས་ྋགོང་ས་མཆོག་དང་མཇལ་འཕྲད་གནང་གི་རེད། སྐབས་དེར་ཁྱེད་རྣམ་པས་ངེས་པར་དུ་བོད་ནང་གི་གནས་སྟངས་ཐོག་ལ་གྲོས་མོལ་གནང་དགོས་ཀྱི་རེད། ཅེས་ཞུས་ཡོད་པ་རེད། མཇལ་མོལ་དེའི་སྐབས་ྋགོང་ས་མཆོག་གི་སྐུ་བཅར་ཞབས་ཞུར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཚེ་རིང་ལགས་དང་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་རྣམ་གཉིས་བཅར་ཡོད་པ་རེད། སྲིད་བློན་མཆོག་དང་མཇལ་མོལ་གནང་གྲུབ་མཚམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྲིད་བློན་མཆོག་གི་བཞུགས་གནས་ནས་ཆིབས་ཞལ་བསྒྱུར་ཏེ་ཌན་མག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་ཡོད། ཐེངས་འདིའི་མཇལ་འཕྲད་སྐབས་བོད་ནང་གི་གནས་སྟངས་ཐོག་ལ་བཀའ་མོལ་གཙོ་བོ་གནང་ཡོད་འདུག ྋགོང་ས་མཆོག་ནས་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཌན་མག་གི་རྒྱལ་ས་ཁོ་པན་ཧཱ་གྷན་སྐྲྣསྣྲྟརྣདཎཐྲྟརྣ དུ་ཡོད་པའི་བྷི་ལ་འདུ་ཚོགས་བསྟི་གནས་ཁང་སྐྱྟརྡརྡཎ སྐྲྣརྣསྤྲྟརྣྤདྲྣརྣ སྐྲྟརྣྤྟཔྱ དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང༌། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་སྩལ་ཡོད། ཐེངས་འདིའི་ཆོས་འབྲེལ་སྐབས་ཌན་མག་དང༌། ཡུ་རོབ་ཀྱི་ཡུལ་གྲུ་གཞན་ཁག་ནས་ཕེབས་པའི་མི་མང་དང༌། ཌན་མག་ཏུ་གནས་སྡོད་བོད་མི་དང་རྒྱ་རིགས་བཅས་དད་ལྡན་ཆོས་ཞུ་བ་གྲངས་ ༣༦༠༠ ལྷག་ཙམ་བཅར་ཡོད་པ་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྩལ་དོན། མགོན་པོ་གང་ཉིད་ནི་ཆོས་ལུགས་གཅིག་ནས་གཅིག་ལ་བསྒྱུར་རྒྱུར་ཐུགས་མོས་མེད་མཁན་ཞིག་ཡིན་སྐོར་དང༌། དེར་བརྟེན་མི་སུ་ཡིན་རུང་ནང་པའི་ཆོས་ལུགས་ལ་བསྒྱུར་ཐབས་མ་གནང་རོགས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྔ་མོའི་ཆོས་བརྒྱུད་ནི་ཡེ་ཤུའི་ཆོས་བརྒྱུད་ཡིན་སྟབས་ཡེ་ཤུའི་ཆོས་ལུགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ལེགས་ཤོས་ཡིན། འོན་ཀྱང་མི་སྒེར་གྱིས་དང་བླངས་ཐོག་ནས་ནང་ཆོས་ཉམས་ལེན་བྱས་ཏེ་སོ་སོར་ཕན་ཐོགས་ཡོང་གི་ཡོད་ཚེ་དེ་ནི་འགྲིག་གི་ཡོད་པ་རེད། ཅེས་དང་ལྷག་པར་དུ་ྋགོང་ས་མཆོག་གིས། གནའ་སྔ་མོ་མི་ཚང་མ་ཁེར་རྐྱང་དུ་གནས་སྡོད་བྱ་རྒྱུར་འདོད་མོས་བྱེད་ཀྱི་ཡོད། བོད་ནང་ཡོད་པའི་བོད་མིར་ཆ་བཞག་ནའང་ཕྱིའི་འཛམ་གླིང་དང་དེ་དག་གི་ཆོས་ལུགས་འདྲ་མིན་ཁག་དང་འབྲེལ་མཐུད་མེད་སྟབས་དེ་ཙམ་ཁྱད་པར་བཟོ་གི་མེད། ཡིན་ནའང་འཛམ་གླིང་འདིར་འགྱུར་ལྡོག་བྱུང་སྟེ་དེའི་ནང་གནས་པའི་མི་མང་རྣམས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་ལམ་ཟབ་ཏུ་ཕྱིན་ཏེ་ཆོས་ལུགས་གཞན་ལ་གུས་བརྩི་དང་རྗེས་སུ་ཡི་རང་ཞུ་དགོས་པ་ནི་གལ་ཆེ་ཆགས་ཡོད། འདི་གར་བཅར་བའི་ཆོས་ཞུ་བའི་ཁྲོད་དུའང་ཧིན་དྷུ་དང༌། ཁ་ཆེ། ཡེ་ཤུ་བཅས་ཀྱི་ཆོས་བྱེད་མཁན་ཕེབས་ཡོད་ངེས་རེད། ཅེས་བཀའ་སྩལ་ཡོད། ཉིན་གུང་གི་བར་གསེང་སྐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ཀྱི་བཞུགས་གནས་མགྲོན་ཁང་དུ་ཌན་མག་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་མོ་གྷན་སེ་ལཀ་ཀི་ཊོཕ་ཊེ་ རྒྱྣཐྲྟརྣཔྲ རྒཕྲྡྡྟྤྣཐྤ དབུས་པའི་ཌན་མག་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཚང་མའི་སྐུ་ཚབ་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་རྗེས་གསར་འགོད་ལྷན་ཚོགས་ཤིང་བསྐྱངས་གནང་ཡོད། སྐབས་དེར་གསར་འགོད་པ་ཞིག་གིས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཐོག་ལ་དྲི་བ་ཕུལ་བར་མགོན་པོ་གང་ཉིད་ནས་བཀའ་ལན་སྩལ་དོན། ང་ཚོའི་ངོས་ནས་འབད་བརྩོན་ག་ཚོད་བྱས་ཀྱང་གནས་སྟངས་ལ་ཡར་རྒྱས་འགྲོ་གི་མི་འདུག རྒྱ་ནག་གཞུང་གིས་ང་ཚོས་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཤོག་དེར་ཁས་ལེན་བྱས་མེད། འོན་ཀྱང་ང་ཚོས་རྒྱ་ནག་མི་མང་ལ་བཅངས་པའི་ཡིད་ཆེས་ལ་འགྱུར་བ་མེད། ང་ཚོས་བོད་དོན་ཐོག་རྒྱུས་མངའ་ཡོད་པ་དང༌། བོད་མིར་གདུང་སེམས་མཉམ་སྐྱེ་གནང་མཁན། བོད་དོན་ལ་རྒྱབ་སྐྱོར་ཡོད་མཁན་གྱི་རྒྱ་ནག་མི་མང་རྣམས་དང་འབྲེལ་གཏུགས་ཞུ་རྒྱུར་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད། ཅེས་བཀའ་ལན་ཕེབས་པ་མ་ཟད། མགོན་པོ་གང་ཉིད་ནས་རྒྱལ་སྤྱིའི་གསར་འགོད་པར་རྒྱ་ནག་གཞུང་ཕྱོགས་ནས་གནོན་ཤུགས་གང་ཡང་མེད་པའི་ཐོག་ནས་བོད་ནང་ཕེབས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་ཉམས་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་གནང་བ་དང་སྦྲགས་བཀའ་སྩལ་དོན། གལ་ཏེ་བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གིས་གསལ་བསྒྲགས་བྱས་པ་བཞིན་བདེ་སྐྱིད་དང་ལྡན་པ་ཞིག་ཡོད་ཚེ་བཙན་བྱོལ་བོད་མི་ཚོས་བོད་ཀྱི་གནད་དོན་མེད་ཅེས་ཁས་ལེན་བྱ་རྒྱུ་མ་ཟད། རྒྱ་ནག་གཞུང་ལའང་དགོངས་སེལ་ཞུ་རྒྱུ་ཡིན། ཡིན་ནའང་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འདོད་བློ་མི་ཁེངས་པ་དང༌། འཇིགས་སྣང་དང་དངངས་སྐྲག་འོག་འཚོ་བཞིན་ཡོད་ཚེ་རྒྱ་ནག་གཞུང་གིས་དེར་དགོངས་སེལ་ཞུས་ཏེ་བོད་ཀྱི་གནད་དོན་དེ་བཞིན་ངེས་པར་དུ་སེལ་དགོས་ཀྱི་རེད། རྒྱལ་སྤྱིའི་གསར་འགོད་པས་བོད་ནང་དཀའ་རྙོག་ཡོད་མེད་ཀྱི་དཔྱད་ཞིབ་བྱེད་དགོས་ཀྱི་རེད། ཅེས་བཀའ་ལན་སྩལ་ཡོད། གསར་འགོད་པ་གཞན་ཞིག་གི་དྲི་བར་ྋགོང་ས་མཆོག་ནས་བཀའ་ལན་སྩལ་དོན། མགོན་པོ་གང་ཉིད་ནས་ཌན་མག་གི་ཆབ་སྲིད་ཀྱི་མི་སྣ་དང༌། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་དང་གསུང་མོལ་གནང་དགོས་དོན་ནི་གཅིག་ནས་ཁོང་རྣམ་པས་མགོན་པོ་གང་ཉིད་དང་མཇལ་འདོད་གནང་གི་ཡོད་པ་དང༌། གཉིས་ནས་བོད་མི་ཚོས་མགོན་པོ་གང་ཉིད་ལ་ཡིད་ཆེས་བློས་ཁེལ་དང་གུས་བརྩི་ཤུགས་ཆེ་ཞུ་གི་ཡོད་སྟབས་བོད་དོན་ཐད་མགོན་པོ་གང་ཉིད་ལ་ཐུགས་འགན་ཡོད། ཅེས་བཀའ་ལན་ཕེབས་ཡོད་པའི་གནས་ཚུལ་དུ། གསར་འགྱུར་ཡོང་ཁུངས་བོད་གཞུང་དྲ་གནས།